尊贵怙主朵芒阳塘仁波切圆寂法会日程
乌金摩诃上师之补处、具德给瓦拉尊之化现、朵芒大伏藏师多杰德钦朗巴之转世再来人——怙主朵芒阳塘仁波切——于藏历纪元2143年,胜住火猴年8月14日,时值公元2016年10月15日,对具有常执的所化对象,示现密意于法界长眠。依照阳塘仁波切本人的遗教,在向怙主多竹千仁波切请益指引之下,举行深广的圆满供养法会,以让我等圆满资粮、净除盖障,并且使阳塘仁波切地道障碍之相状得以融于空界、让转世再来之新月,能够快速升起。
第一阶段:
从公元10月16日起至11月4日间(藏历8 月15日至9月5日之间),于此“三七”的期间,依照多竹仁波切的嘱咐,于位于锡金首府Gangtok 的多竹塔寺(Dodrup Choerden Gompa),透过“上师供养”的仪轨,来进行圆寂法会。
第二阶段:
11 月5日(藏历9月6日)当天,金身将迎请到位于锡金西部的大密莲顶寺(即“贝玛扬泽寺”/ Pemayangtse Monastery),在三天当中,将以“莲师七章祈请文”来进行圆寂法会。
第三阶段:
11 月8日(藏历9月9日)当天,金身将迎请到位于锡金西部的玉僧(Yuksom),这里有锡金法王与三位大师相会之圣地——诺布岗。锡金正法之门在此开启。玉僧也是阳塘仁波切本人的驻锡地。金身将被迎入邻近诺布岗的仁波切寝室当中。从这一天起,到12月3日星期六(藏历10月4日)之间,进行深广圆寂法会。
第四阶段:
12 月4日这一天(藏历10月5日),将由诸方与会的大师们领众,在玉僧进行火供,阳塘仁波切的金身将在这一天火化。这将是法会的最后一天,圆寂法会至此圆满。特别是尊贵怙主多竹千仁波切已然清晰同意肩负起阳塘仁波切转世的大任,所以敬请所有虔信的弟子们,带着欢愉心情,来参加这场圆寂祈愿供养法会。
༄། །༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་མཆོག་གི་དགོངས་རྫོགས་འདས་མཆོད་མཛད་རིམ།།
ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་༧དཔལ་རྒྱལ་བ་ལྷ་བཙུན་ཆེན་པོའི་རྣམ་འཕྲུལ་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པའི་ཡང་སྤྲུལ་༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་མཆོག་བོད་རྒྱལ་ལོ་༢༡༤༣ རབ་གནས་མེ་སྤྲེལ་ལོའི་བོད་ཟླ་བརྒྱད་པའི་ཡར་ཚེས་བཅུ་བཞི། ཕྱི་ལོ་༢༠༡༦ ཕྱི་ཟླ་༡༠ ཚེས་༡༥ ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་མནལ་བའི་ཚུལ་མཛད། མགོན་པོ་གང་གི་ཞལ་ཆེམས་བཞིན་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་བཀའ་བཀོད་ལམ་སྟོན་ཞུས་པ་དང་འབྲེལ། རང་ཅག་ལྟོས་བཅས་ཡོངས་ཀྱི་ཚོགས་རྫོགས་སྒྲིབ་སྦྱང་དང་། མགོན་པོ་གང་གི་ས་ལམ་བར་ཆད་ཀྱི་མཚན་མ་དབྱིངས་སུ་ཞི་ནས་གང་གི་ཡང་སྲིད་སྤྲུལ་པའི་ཟླ་གཞོན་མྱུར་དུ་འཆར་བ་སོགས་ལེགས་ཚོགས་ཀྱི་སྒོ་བརྒྱར་དམིགས་ཏེ་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཞིག་ཞུ་རྒྱུར།།
༡། བོད་ཟླ་༨ ཚེས་༡༥ ཕྱི་ཟླ་༡༠ ཚེས་༡༦ ནས་དབུ་འཛུགས་ཀྱིས་བོད་ཟླ་༩ ཚེས་༥ ཕྱི་ཟླ་༡༡ ཚེས་༤ བར་བདུན་གསུམ་རིང་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་བཀའ་དགོངས་བཞིན་འབྲས་ལྗོངས་རྒྱལ་ས་སྒང་ཏོག་མཆོད་རྟེན་དགོན་དུ་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུ་རྒྱུ།
༢། བོད་ཟླ་༩ ཚེས་༦ ཕྱི་ཟླ་༡༡ ཚེས་༥ ཉིན་སྐུ་གདུང་རིན་པོ་ཆེ་༧དཔལ་རྒྱལ་བ་ལྷ་བཙུན་ཆེན་པོའི་གདན་ས་གསང་ཆེན་པདྨ་ཡང་རྩེ་དགོན་དུ་གདན་འདྲེན་ཞུས་ཤིང་ཉིན་གསུམ་རིང་གསོལ་འདེབས་ལེའུ་བདུན་མའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུ་རྒྱུ།
༣། བོད་ཟླ་༩ ཚེས་ ༩ ཕྱི་ཟླ་༡༡ ཕྱི་ཚེས་༨ ཉིན་ཆོས་རྒྱལ་རྣམ་གསུམ་ཞལ་འཛོམས་ནས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཆོས་སྒོ་ཐོག་མར་ཕྱེ་བའི་གནས་མགོན་པོ་གང་གི་གདན་ས་ཡུག་གསུམ་ནོར་བུ་སྒང་གི་ཉེ་ཞོལ་གཟིམ་ཤག་ཏུ་གདན་འདྲེན་ཞུས་ཤིང་། བོད་ཟླ་༡༠ ཚེས་༤ ཕྱི་ཟླ་༡༢ ཚེས་༣ རེས་གཟའ་སྤེན་པའི་བར་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཞུ་རྒྱུ་དང་།
༤། བོད་ཟླ་༡༠ ཚེས་ ༥ ཕྱི་ཟླ་༡༢ ཚེས་༤ ཉིན་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་རྣམས་དབུ་བཞུགས་ཐོག་སྦྱིན་སྲེག་གི་ཆོ་གའི་གཞུང་བསྲང་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུ་རྒྱུ་བཅས་དང་། ཁྱད་པར་དུ་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་གིས་གང་གི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཡོང་བའི་ཐུགས་ཁུར་གཙང་བཞེས་གནང་བ་ལགས་ན་རང་ཅག་དད་ལྡན་སློབ་འབངས་ཡོངས་ནས་དགའ་སྤྲོའི་ངང་མཆོད་འབུལ་སྨོན་ལམ་ལ་བརྩོན་པར་ཞུ་ཞུ།།
The Schedule of the Nirvana Ceremonies for H.H. Yangthang Rinpoche
H.H. Yangthang Rinpoche, the regent of Orgyen Maha Guru, the manifestation of Gyalwa Lhatsun, and the reincarnation of Domang Terchen Dorje Dechen Lingpa, passed into nirvana on October 15, 2016 (the 14th day of the 8th month of Fire Monkey Year in the year 2143, according to Tibetan lunar calendar). By following Yangthang Rinpoche’s own last words, we have requested H.H. Dodrupchen Rinpoche’s guidance and instruction. And so the schedule of Nirvana Ceremony was decided. In order to complete accumulations and purify obscurations, to have signs of Yangthang Rinpoche’s obstables of grounds and paths dissolved into basic space, to have the new moon of Rinpoche’s reincarnation arisen swiftly, as well as for all the other virtuous purposes, we will be offering profound and extensive Nirvana Ceremonies. The schedule is listed as follows,
Part One:
As advised by H.H. Dodrupchen Rinpoche, from October 16 to November 4 (the 15th day of the 8th month to the 5th day of the 9th month according to Tibetan calendar), during this period of ‘three sevens’, we will be offering the Nirvana Ceremonies
through the sadhana ‘Lama Chodpa (Guru Offering)’ at Dodrup-Choerden Gompa in Gangtok, the capital of Sikkim.
Part Two:
On November 5 (the 6th day od the 9th month in Tibetan calendar) Yangthang Rinpoche’s sacred body will be invited to Pemayangtse Monastery in West Sikkim. The Nirvana Ceremonies will be held here for three days, through the chanting of ‘The Seven Chapters Supplication Prayers’.
Part Three:
On November 8 (the 9th day of the 9th month in Tibetan calendar), the sacred body will be invited to Yuksom of West Sikkim. Norbu Gang, located in Yuksom, is the holy site where the meeting of the first Sikkim’s dharma king and the three masters took place. The gate to the sublime Dharma was therefore opened there. Yuksom was also the main seat of Yangthang Rinpoche. Rinpoche’s sacred body will be invited to his own room nearby Norbu Gang. The profound and extensive Nirvana Ceremonies will take place in Yuksom till December 3 (Saturday, the 4th day of the 10th month in Tibetan calendar).
Part Four:
On December 4 (the 5th day of the 10th month in Tibetan calendar), the Cremation Ceremony for Yangthang Rinpoche’s sacred body will take place in Yuksom. Sublime masters from all directions will join and conduct this ceremony. This event will be the conclusion of the whole Nirvana Ceremonies.
H.H. Dodrupchen Rinpoche has agreed to take the responsibility of finding the reincarnation of Yangthang Rinpoche. We request and welcome all devotees to participate this event with a joyous mind.